50951
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མཁས་ཚུལ་ལྔ་ནི། རྣལ་འབྱོར་བས་ཞིང་བཅུ་ཚང་བའི་དགྲ་བོ་སྒྲོལ་བར་མཁས་པའི་ཚུལ་རྣམ་པ་ལྔ་སྟེ། ཕྱོགས་བཅུའི་མུན་སེལ་ལས། དེའང་མཁས་ཚུལ་ལྔ་སྟེ། རང་བཞིན་གྱིས་སྒྲོལ་བའི་ལྟ་བ་ལ་མཁས་པ། ཏིང་ངེ་འཛིན་གྱིས་སྒྲོལ་བའི་སྒོམ་པ་ལ་མཁས་པ། དབང་པོ་ཡུལ་དུས་ཀྱི་སྒྲོལ་བའི་སྤྱོད་པ་ལ་མཁས་པ། ཐབས་ཆེན་གསང་བས་སྒྲོལ་བའི་གདམས་ངག་ལ་མཁས་པ། མངོན་ཕྱུང་ཟབ་མོས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |