50952

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁས་འཇུག་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོའི་དོན་གསལ་བར་བྱེད་པ་མདོ་སྡེ་དག་ལས་གསུངས་པའི་མཁས་པའི་ཚུལ་ལ་འཇུག་པའི་གནས་བཅུ་བསྟན་པའི་གཞུང་ཞིག་སྟེ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་གནས་མཆོག་སྒ་སྟོད་བཀྲ་ཤིས་ཆོས་གླིང་དུ་རབ་བྱུང་བཅོ་ལྔ་པའི་ལྕགས་གླང་ཕྱི་ལོ་ ༡༩༠༡ ལོའི་བོད་ཟླ་གསུམ་པའི་ནང་བསྟན་བཅོས་འདིའི་མཁས་པའི་གནས་བཅུ་ཚང་པར་གྲུབ་པ་དང་། སླར་ཡང་དགུ་རོང་སྤྲུལ་སྐུས་དེ་ཉིད་པར་དུ་བསྐྲུན་འཆར་གྱིས་སྔ་མའི་འཕྲོས་རྫོགས་པར་གནང་དགོས་ཞེས་བསྐུལ་མ་བྱས་ཤིང། རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་བླ་བྲང་དུ། ཆུ་སྟག་ཕྱི་ལོ་ ༡༩༠༢ ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ལ་མཇུག་གྲུབ་པར་མཛད་པ་ཞིག་ཡིན།