50954
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པ་དང་རབ་བྱུང་བཅོ་ལྔ་པའི་ ༡༨༤༦ - ༡༩༡༢ ནང་བྱོན་པའི་སྔ་འགྱུར་རྙིང་མའི་མཁས་པ་ཀུན་མཁྱེན་མི་ཕམ་རྒྱས་མཚོས་མཛད། ཐེག་པ་ཆེན་པོའི་དོན་གསལ་བར་བྱེད་པ་མཁས་པའི་ཚུལ་ལ་འཇུག་པའི་བསྟན་བཅོས་ཀྱི་བརྗོད་བྱ་གནས་བཅུའི་དོན་རྣམས་བསྡོམས་ནས་ཚིག་བཅད་དུ་བཀོད་པ་ཞིག་སྟེ། དེ་ཡང་ཕུང་པོ་ལ་མཁས་པ། ཁམས་དང་། སྐྱེ་མཆེད། རྟེན་འབྲེལ། གནས་དང་གནས་མ་ཡིན་པ། དབང་པོ། དུས་དང་། བདེན་པ་དང་། ཐེག་པ། འདུས་བྱས་འདུས་མ་བྱས་སོགས་མཁས་པའི་གནས་བཅུ་དང་། དེ་དག་རེ་རེ་ལ་ཡང་ཡན་ལག་གི་དབྱེ་བ་བྱས་ཏེ་སོ་སོར་རྒྱས་འགྲེལ་བྱས་པའི་བསྟན་བཅོས་ཤིག་ཡིན། |