50955
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནས་སྐབས་སམ་ཚེ་འདིའི་གཏམ་དང་སྙན་གྲགས་སམ་མཁས་པའི་གོ་འཕང་ཁོ་ན་ལ་ཞེ་ནས་ཆགས་ཏེ། གཞན་གྱིས་མི་དེ་མཁས་པ་ཞིག་རེད་ཟེར་མཁན་བྱུང་ན་སྙམ་པའི་ཀུན་སློང་ངན་པས་སློབ་སྦྱོང་བྱས་པ་མ་གཏོགས་རང་རྒྱུད་འདུལ་ཐབས་ཀྱི་ཉམས་ལེན་སྣ་གཅིག་མི་བྱེད་པ་སྟེ། |
| Example | རྒྱལ་དབང་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་གི་གླེགས་བམ་དང་པོ་ལས། སྔོན་ཆད་ཐོས་བསམ་བྱས་རྒྱུའི་ལུགས་རྣམས་ཀྱང་སྣང་ཤས་ཀྱི་མཁས་འདོད་གྲགས་འདོད་ཁོ་ནར་སོང་བའི་རང་རྒྱུད་ཐ་རྒོད་ལྟར་རེངས་པ་འདི་ནས་བཟུང་ཐར་པ་སྒྲུབ་པའི་ཆོས་ཤིག་བྱེད་དགོས་རྒྱུ་ཡིན་འདུག་སྙམ་པའི་བློ་སྣ་ཅུང་ཟད་ནང་དུ་ཁུགས་པའང་རྗེ་བླ་མ་རྡོ་རྗེ་འཆང་འདི་ཉིད་ཀྱི་བཀའ་དྲིན་ཡིན་ནོ། ། |