50971

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁོ་མཐུན་ལོངས་སྤྱོད་རྒྱུ་རུ་བསྙེན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་ལས་རིམ་ལ་བསྙེན་བསྒྲུབ་ཡན་ལག་སོ་དྲུག་གི་ནང་ཚན་བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ལམ་རིམ་སྒྲུབ་ཐབས་ལ་འཇུག་སྟེ་བསྙེན་བསྒྲུབ་སོགས་བརྩོན་སྐབས་མཁོ་མཐུན་གྱི་རྫས་མེ་ཆུ་ཤིང་ཆང་སོགས་བཙལ་ཅིང་སྤྱོད་པའི་དོན་ཏེ། དཔལ་གསང་འདུས་དོན་གྱི་རྒྱུད་ལས། མེ་ཆུ་ཤིང་ཆང་འདོད་པའི་རྫས། མཁོ་མཐུན་ལོངས་སྤྱོད་རྫས་སུ་བསྙེན། ཞེས་པས། ཡོ་བྱད་ཀྱི་རྫས་དེ་དག་བསྙེན་བསྒྲུབ་སོགས་ཀྱི་སྐབས་སུ་སྒྲུབ་པའི་གཤེན་པོའི་ལོངས་སྤྱོད་ཀྱི་རྫས་སུ་བསྟན་ཏོ། །དེ་དག་ལ་ཡང་ཕྱིའི་རྫས་སུ་བསྙེན་པ་ཞེས་བྱའོ། །
Domain ཆོས་ལུགས།