50982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁོས་སུ་ཕབ་ (1)
Part of speech མིང་ཚིག
Definition རང་རང་ངམ་སོ་སོའི་གནས་སུ་བཞག་པའི་དོན་ཏེ། རྒྱ་གར་གྱི་སློབ་དཔོན་དུལ་བའི་ལྷས་མཛད་པའི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ཞེས་པ་ལས། མཁོས་སུ་ཕབ་ནས་ཞེས་བྱ་བ་ནི་རང་རང་གི་གནས་སུ་བཞག་ནས་སོ། །ཞེས་གསུངས།
Example འདུལ་བ་རྣམ་པར་འབྱེད་པ་ལས། ཕྱི་མའི་ཟས་ཀྱི་བསོད་སྙོམས་ལས་ཕྱིར་ལོག་པས་ལྷུང་བཟེད་དང་ཆོས་གོས་མཁོས་སུ་ཕབ་ནས་རྐང་པ་གཉིས་བཀྲུས་ཏེ་ནང་དུ་ཡང་དག་འཇོག་གི་ཕྱིར་གནས་སུ་ཞུགས་སོ་ཞེས་པ་ལྟ་བུ།