50996
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། གནད་ཀྱི་དོན་ནི་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ཚེ། མཁྱེན་པ་གསུམ་གཏན་ལ་ཕབ། རྣམ་པར་བསྡུ་བའི་ཚེ་ཡང་མཁྱེན་གསུམ་གྱི་རྣམ་པར་བསྡུས། དེ་དག་སྦྱོར་བ་ཉི་ཤུས་བསྒོམ་དགོས་པར་བསྟན་པ་ན། ཉི་ཤུ་པོ་རེ་རེའི་སྟེང་དུ་ཡང་སྤྱིར་ཐེག་ཆེན་གྱི་སྦྱོར་བ་ཡིན་པ་དང། བྱེ་བྲག་མཁྱེན་གསུམ་གྱི་སྦྱོར་བ་གསུམ་དུ་ཡོད་པར་ངེས་ནས་དེ་དག་མཚོན་བྱེད་གང་གིས། མཚན་གཞི་གང་གི་སྟེང་དུ་མཚོན་མ་ངེས་པ་ལ་སྐབས་འདིར་མཚན་ཉིད་ཀྱི་གཞུང་རྣམས་གསུངས་པ་ཡིན་པས་རང་གི་ངོ་བོ་མཚོན་པའི་ཚུལ་ལ་སྦྱར་བར་བྱ་བ་ཡིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། ། |
| Domain | ཆོས་ལུགས། |