50998

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁྱེན་གསུམ་བསྡུས་སྒོམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཁྱེན་པ་གསུམ་གྱི་རྣམ་པ་འཛིན་སྟངས་ཀྱི་ཡུལ་དུ་བསྡུས་ནས་སྒོམ་པར་བྱེད་པའི་བྱང་སེམས་ཀྱི་སྦྱོར་བ་ཞིག་ལ་མཁྱེན་གསུམ་བསྡུས་སྒོམ་ཞེས་ཟེར། ངོ་བོ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རང་གི་ལུགས་ནི། མཁྱེན་གསུམ་གྱི་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་རྣམ་རྫོགས་སྦྱོར་བའི་འཛིན་སྟངས་ཀྱི་ཡུལ་དུ་བསྡུས་ནས་ཉམས་སུ་ལེན་པ་དེ། མཁྱེན་གསུམ་བསྡུས་སྒོམ་གྱི་དོན་ཡིན་ནོ། །མཁྱེན་གསུམ་བསྡུས་སྒོམ་གྱི་དོན་དེ་ལྟར་ཡིན་ན། སྐབས་འདིར་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བཤད་པའི་དགོས་པ་གང་ཡིན་ཞེ་ན། དེ་ཡང་སྒྲོ་འདོགས་བརྒྱ་བདུན་ཅུ་རྩ་གསུམ་གྱི་གཉེན་པོའི་མཚན་ཉིད་ཤེས་པའི་ཕྱིར་དུ། སྐབས་འདིར་རྣམ་པ་བརྒྱ་བདུན་ཅུ་རྩ་གསུམ་བཤད་པ་ཡིན་ཏེ། ཉི་སྣང་ལས། བྱེ་བྲག་ནི་མི་མཐུན་པའི་ཕྱོགས་གང་གཞི་གཉེན་པོའི་མཚན་ཉིད་གང་ཡིན་པ་སྟེ། དཔེར་ན་རྟག་པར་འཛིན་པ་ལ་མི་རྟག་པ་ལ་སོགས་པར་འཛིན་པ་བཞིན་ནོ། །གཉེན་པོའི་ཕྱོགས་ཀྱང་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་བསྡུས་པ་ཡིན་པས། ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཞེས་གསུངས།
Domain ཆོས་ལུགས།