51015
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རྒྱུད་སྟོད་མཁན་ཐོག་ ༡༠༥ མཁྱེན་རབ་ཐུབ་བསྟན་ནམ་གོ་བོ་སྐལ་བཟང་འབྲུག་གྲགས་ནི། བོད་ཤར་ཕྱོགས་སྨར་ཁམས་རྒྱལ་འབྲོག་ཨ་སྟིས་ཚང་དུ་ཡབ་ཡུམ་རིགས་རུས་ཕུན་སུམ་ཚོགས་པའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས། འབུམ་ཉ་མགོ་དགོན་དུ་སྒྲིགས་ཞུགས་གནང་། དེ་ནས་རིམ་པས་དབུས་སུ་ཕེབས་ཏེ་འབྲས་བློ་གླིང་གྲྭ་ཚང་དུ་ཞུགས་ཏེ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཤིང་གཞུང་ཆེན་ལ་གསན་བསམ་རྒྱ་ཆེར་གནང་སྟེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས། སྨོན་ལམ་གྲྭ་སྐོར་དམ་འཇོག་གི་ལྷ་རམས་ཨང་གསུམ་པ་བཞེས་ཏེ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར། དེ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཞུགས་ཏེ་གསང་ཆེན་རྒྱུད་སྡེ་ལྟ་བུ་ལ་གསན་བསམ་མཛད། དེ་ནས་རིམ་པས་སྔགས་དམ་འཇོག། །དགེ་བསྐོས། བླ་དབུ། མཁན་ཁྲིར་བཅས་ཕེབས་ཏེ་མཁན་པོའི་གནང་སྒོ་གཞན་ཡིད་འཕྲོག་པར་མཛད་དེ་མདོ་རྒྱུད་མན་ངག་རྒྱ་མཚོའི་མངའ་བདག་ཏུ་གྱུར། ཕྱི་ལོ་ ༡༩༥༠ ལྕགས་ཕོ་སྟག་གི་ལོར་མཁན་ཟུར་ཕེབས་ནས་ཀྱང་བླ་སྤྲུལ་དགེ་བཤེས་དུ་མར་ཟབ་རྒྱས་ཆོས་ཀྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་ཕྱིར་རེ་ཞིག་སྐུའི་བཀོད་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན། |
{{#arraymap:མཁྱེན་རབ་ཐུབ་བསྟན་
|; |@@@ | | }}