51016

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁྱེན་རབ་ནོར་བུ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ཆུ་ལུག་ཕྱི་ལོ་ ༡༨༨༣ ལོར་ལྷོ་ཁ་རྩེད་ཐང་ཁུལ་བྱ་ས་ལྷ་ཁང་གི་ཉེ་འདབས་སུ་ཡབ་རྩིས་རིག་སྨྲ་བ་ཀྲང་མགོ་ལེབ་བམ་རྩིས་པ་རྔ་བོ་ཆེར་གྲགས་པ་དང༌། ཡུམ་དབྱངས་ཅན་གཉིས་ཀྱི་སྲས་སུ་འཁྲུངས། ལྕགས་ཁྱི་ཕྱི་ལོ་ ༡༩༡༠ ལོར་ལྕགས་རི་སྨན་སློབ་གྲྭ་ཚང་ནས་གདན་ས་ཆེན་པོ་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པར་མངའ་གསོལ། མེ་འབྲུག་ཕྱི་ལོ་ ༡༩༡༦ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ལྗོངས་ལྷ་ས་སྨན་རྩིས་འགྲོ་ཕན་གླིང་གསར་འཛུགས་གནང་རྗེས་རྩེ་དྲུང་ལས་ཚན་པའི་མཚན་གནས་དང་སྦྲགས་སྨན་རྩིས་ཁང་གི་དབུ་འཛིན་དང་། ལྕགས་པོ་རི་སྨན་པ་གྲྭ་ཚང་གི་སློབ་དཔོན་གཅིག་ལྕོགས་སུ་བསྐོས། སྨན་རྩིས་ལ་མཁས་པའི་དངོས་སློབ་བརྒྱ་ཕྲག་འགའ་གསོ་སྐྱོང་མཛད། གསུང་རྩོམ་ནི་རྩ་རྒྱུད་སྡོང་འགྲེམས་གསོ་རིག་རྒྱ་མཆོའི་སྙིང་པོ་དང་། རྩིས་གཞུང་རིག་ལྡན་སྙིང་ཐིག་སོགས་ཧ་ཅང་མང། སྤྱིར་བོད་ཀྱི་རིག་གནས་དང༌། སྨན་རྩིས་གཉིས། ཁྱད་པར་དུ་སྨན་རྩིས་ཁང་དར་རྒྱས་གོང་འཕེལ་བཏང་། མཐར་རབ་བྱུང་བཅུ་དྲུག་པའི་ཆུ་སྟག་ཕྱི་ལོ་ ༡༩༦༢ ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་བརྒྱད་ཉིན་ལྷ་སར་སྐུ་གཤེགས།

{{#arraymap:མཁྱེན་རབ་ནོར་བུ་

|; |@@@ | | }}