5103

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲོས་པའི་བཞིན་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཁྲོས་པའི་བཞིན་བྱ་བ་ནི། བསྟན་འགྲོའི་དོན་ལ་རབ་ཏུ་གནོད་པར་བྱེད་པའི་དགྲ་བགེགས་ལོག་ལྟ་ཅན་སོགས། འཇིགས་ཤིང་སྔངས་པའི་ཐབས་སུ་དགོངས་ཏེ། བདེར་གཤེགས་ཡི་དམ་གྱི་ལྷ་ཚོགས་ཀྱིས་ཐུགས་ཉིད་བྱམས་བརྩེའི་ངང་ནས་མ་གཡོས་ཀྱང་སྐུ་ཁྲོས་པའི་རྣམ་འགྱུར་འཇིགས་རུང་དུ་སྟོན་པ་ལ་བྱའོ། །འདིར་ཁྲོས་པའི་བཞིན་ཞེས་པ། ངོ་གདོང་གི་ཞེ་ས་བཞིན་གྱི་དོན་མ་ཡིན་པ་འབད་མེད་རང་བཞིན་དུ་འགྲུབ་པའི་སྐུའི་རྣམ་འགྱུར་ལ་གོ་བའོ། །དེ་ལ་གྲངས་ཀྱི་སྒོ་ནས་དྲུག་ཏུ་བཤད་དེ། དབུ་གཡོ་བ། སྤྱན་གདེང་བ། སྐུ་འགྱིང་བ། སྐེད་འཁྲིལ་བ། ཞབས་བསྒྲད་པ། བཞིན་བཟློག་པ་དང་དྲུག་གོ །
Domain ཆོས་ལུགས།

{{#arraymap:ཁྲོས་པའི་བཞིན་

|; |@@@ | | }}

ཁྲོས་པའི་བཞིན་ (2)
Part of speech མིང་ཚིག
Definition སྤྱིར་ཁོང་ཁྲོ་ལངས་པའི་རྣམ་འགྱུར་གསལ་བའི་ངོ་གདོང་འཇིགས་རུང་ལ་ཡང་ འཇུག་གོ །

{{#arraymap:ཁྲོས་པའི་བཞིན་

|; |@@@ | | }}