51034

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁྲིས་ནད་ (1)
Part of speech མིང་ཚིག
Definition མན་ངག་རྒྱུད་ལས། མཁྲིས་ནད་ཀྱི་རྒྱུ་ནི་ཞེ་སྡང་དང་བཅས་པ་ལས་ལུས་ཀྱི་ཆ་ཤས་ཐམས་ཅད་དུ་སྣུམ་བཅས་རྣོ་ཚ་ཡང་ཞིང་དྲི་མནམ་འཁྲུ་ཞིང་གཤེར་བའི་མཚན་ཉིད་བདུན་རྣམ་པར་མ་གྱུར་པ། མཁྲིས་པ་བཀྲེས་སྐོམས་ཟན་ལེན་འཇུ་བ་དང༌། །ལུས་དྲོད་མདངས་གསལ་སྙིང་དཔའ་བློ་བརྟན་བྱེད། །ཅེས་པར་ལྟར་ཐ་མལ་གནས་པ་ལ་ནད་གཞིའི་མཁྲིས་པ་ཞེས་བྱ་བ་དང༌། དེ་དག་གི་མཚན་ཉིད་ཤས་ཆེར་འཛིན་པ་མཆིན་འདབ་ཀྱི་སྣོད་ཀྱི་མཁྲིས་པ་ཚད་ལས་མ་གཡོས་པ་དེ་ལ་བྱ་བར་བཤད་པ་ཡིན་ནོ། །ཞེས་གསུངས་སོ། །མཁྲིས་ནད་ལ་དབྱེ་ན་ནང་གསེས་བཞི་བཅུ་ཞེ་བདུན་ཡོད་ཅིང་། དེ་དག་ནི་མཁྲིས་པའི་ནད་རིགས་ནད་བཅུ་གསུམ་དང་། གནས་ནད་བཅུ་དགུ་དང་། ནང་ཚེགས་ཀྱི་ནད་བཅོ་ལྔ་བཅས་བཞི་བཅུ་ཞེ་བདུན་དུ་འགྱུར་བ་ཡིན་ནོ་ཞེས་པའི་དོན་ནོ། །
Domain གསོ་རིག

{{#arraymap:མཁྲིས་ནད་

|; |@@@ | | }}