51040

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མཁྲིས་པ་རྩ་རྒྱུག་ (1)
Part of speech མིང་ཚིག
Definition ཟས་སྤྱོད་གཉིས་གང་རུང་གི་རྐྱེན་གྱིས་བསྐྱེད་ནས་མཁྲིས་པ་འཕེལ་ཏེ་རྩར་རྒྱུག་པ་ཞིག་དང། གཉན་རིམས་ཀྱིས་མཁྲིས་པའི་གོ་འཕྲོག་ནས་རྩར་རྒྱུག་པ་ཞིག་དང་གཉིས་མཆིས་པས་སྐབས་ཐོབ་ཏུ་གོ་དགོས་པ་ཞིག་སྟེ། རྗེ་རང་བྱུང་རྡོ་རྗེས་མཛད་པའི་མཁྲིས་པའི་བཅོས་ཀུན་ཕན་བདུད་རྩིའི་གཏེར་ལས། མཁྲིས་པ་རྩར་རྒྱུག་ཅེས་འགའ་ཞིག་གི་གཉན་རིམ་གཅིག་པུ་ལ་ངོས་འཛིན་པར་མཆིས་ཀྱང། དངོས་ནི་གཉིས་ཏེ། རང་བཞིན་ཟས་སྤྱོད་ཀྱི་རྐྱེན་གྱིས་མཁྲིས་པ་འཕེལ་ནས་རྩར་རྒྱུག་པའི་ནད་ལ་ཤ་སེར་དང་མིག་སེར་བྱ་བ་གཉིས། ཕྱིའི་གདོན་ཁྲོས་པའི་དུག་ནང་དུ་ཁྲག་སྲིན་ལ་འཕོས་པའི་དུག་རླངས་ཀྱིས་མཁྲིས་པའི་གོ་འཕྲོག་ནས་རྩར་རྒྱུག་པའི་ནད་ལ་གཉན་རིམས་མཁྲིས་པ་རྩར་རྒྱུག་ཅེས་ཟེར་བས་རྩར་རྒྱུག་གི་མིང་ཙམ་ལ་མ་ཞེན་ནས་གང་ཡིན་དཔྱད་པར་བྱ་དགོས་སོ། །ཞེས་གསུངས།
Domain གསོ་རིག

{{#arraymap:མཁྲིས་པ་རྩ་རྒྱུག་

|; |@@@ | | }}