51068

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགར་ཁྲི་འབྲིང་བཙན་བྲོད་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་སྟོད་དུ་བློན་ཆེན་མགར་སྟོང་བཙན་ཡུལ་ཟུང་གི་སྲས་སུ་འཁྲུངས། རྒྱལ་པོ་མང་སྲོང་མང་བཙན་གྱི་དམག་དཔོན་གནང་། མེ་ཡོས་ཕྱི་ལོ ༦༦༧ ལོར་འཇང་ཡུལ་གྱི་ཡུལ་ཚན་བཅུ་གཉིས་ཙམ་དབང་དུ་བཅུག། ནུབ་ཕྱོགས་གྲུ་གུ་ཚོ་ཆེན་བཅུ་བོད་ཀྱི་ཆབ་འོག་ཏུ་བཅུག ཤིང་བྱ་ཕྱི་ལོ ༦༨༥ ལོར་རྒྱལ་པོ་འདུས་སྲོང་གིས་བློན་ཆེན་གོ་གནས་གནང་། ཤིང་ལུག་ཕྱི་ལོ ༦༩༥ ལོར་འ་ཞའི་ཡུལ་དུ་དམག་དྲངས། རྒྱའི་དམག་དཔོན་ཝང་ཞང་ཤོ་དང་གཡུལ་སྤྲད། རྒྱ་དམག་མང་པོ་བསད། ས་ཁྱི་ཕྱི་ལོ ༦༩༨ ལོར་མདོ་སྨད་ཙོང་ཁ་ཆེ་ཆུང་དུ་དམག་དྲངས། རྒྱའི་དམག་དཔོན་ཆེན་པོ་ཐུག་པུ་ཤི་འཛིན་བཟུང་བྱས། འདུས་སྲོང་མང་རྗེས་བཀྱོན་ཕབ། ས་ཕག་ཕྱི་ལོ ༦༩༩ སྒྲེགས་ཀྱི་ཚལ་དུ་གཞིས་ནོར་གཞུང་བཞེས་མཛད། ལོ་དེར་རང་སྲོག་བཅད།

{{#arraymap:མགར་ཁྲི་འབྲིང་བཙན་བྲོད་

|; |@@@ | | }}