51077

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགར་བཙན་སྙ་ལྡོམ་བུ་ (1)
Part of speech མིང་ཚིག
Definition དུས་རབས་བདུན་པའི་སྟོད་དུ་བློན་ཆེན་པོ་མགར་སྟོང་བཙན་གྱི་སྲས་འཁྲུངས། ཡབ་གཤེགས་རྗེས་རྒྱལ་པོ་མང་སྲོང་མང་བཙན་གྱིས་མེ་ཡོས་ཕྱི་ལོ་ ༦༦༧ ལོར་ཡབ་ཀྱི་ཚབ་ཏུ་བློན་ཆེན་དུ་བསྐོས། ཆུ་བྱ་ཕྱི་ལོ་ ༦༧༣ ལོར་མགར་ཁྲིད་འབྲིང་བཙན་བྲོད་གཉིས་ཀྱིས་གདོང་ཀའི་ནེ་ཙོ་ལུང་ཟེར་བར་འདུན་ཚོགས་བསྡུས་ཏེ། འབྲོག་ཁུལ་གྱི་བཀའ་ཁྲིམས་ཆེན་པོ་བཟོས། ཤིང་ཕག་ཕྱི་ལོ་ ༦༧༥ ལོར་ཞང་ཞུང་ཡོངས་ཀྱི་ལས་ཀར་ཞིབ་བཤེར་དང་ལམ་སྲོལ་བསྐྲུན། འདུས་སྲོང་མང་རྗེའི་བློན་ཆེན་མཛད། ཞང་ཞུང་ཁུལ་དུ་ཟིང་འཁྲུག་བྱུང་བ་ཚར་བཅད་ནས་རྒྱལ་སྲིད་བརྟན་པར་མཛད། ཤིང་བྱ་ཕྱི་ལོ་ ༦༨༥ ལོར་ཤངས་ཀྱི་སུམ་ཆུར་མགར་མང་ཉེན་སྟག་ཚབ་ཀྱིས་ནང་དམེ་བྱས་ནས་བཀྲོངས།

{{#arraymap:མགར་བཙན་སྙ་ལྡོམ་བུ་

|; |@@@ | | }}