51094

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགལ་མེ་ཀླད་བསྐོར་བག་མ་ (1)
Part of speech མིང་ཚིག
Definition བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། བུ་མོ་སུ་ཞིག་བབས་སྤར་ཁོན་དང་། བབས་སྨེ་གཉིས་ནག།རང་ལོའི་ལུས་ཁམས་ཀྱིས་གནམ་ལོའི་ལུས་ཁམས་གཅོད་པ་བཅས་འདོམ་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་ཞིང་། གསུམ་ཀ་མ་འདོམ་པར་གང་རུང་གཉིས་འདོམ་ཀྱང་ཅུང་ཞན་པར་བརྩི་བ་ཡིན། བག་མ་དེ་རིགས་བསུས་ན་ཁྱོ་སྐུད་གཉིས་འཆི་ངོ་ཡོད་པས། བཅོས་སུ་གདོང་སྟེ་བག་མ་འོང་སའི་ཕྱོགས་སུ་མེ་བཏང་ན་དེས་སྐྱོན་སེལ་བར་བཤད། དཔེར་ན་སྨེ་ཕྲེང་གཉིས་པའི་ཤིང་བྱི་ལོར་སྐྱེས་པའི་བུ་མོ་སུ་ཞིག་མོ་ལོ་ཉི་ཤུར་བུད་དུས་ལ་ཆ་བཞག་ན། དུས་དེའི་ཁམ་ནས་ཁེན་ཕྱོགས་སུ་བསྐོར་པའི་བབས་སྤར་ཁོན་དང་། སྐྱེས་སྨེ་བཞི་ལྗང་དབུས་སུ་བཞག་ནས་ཤར་ཐོན་གྱིས་གཡོན་དུ་བསྐོར་པའི་བབས་སྨེ་གཉིས་ནག ཆོས་བསྐོར་ལ་འཁོར་ནས་ཤར་བའི་གནམ་ལོ་ཆུ་ལུག་གི་ལུས་ཁམས་ཤིང་རང་ལོའི་ལུས་ཁམས་ལྕགས་ཀྱིས་གཅོད་པ་བཅས་འདོམ་པས་ན། བུ་མོ་དེ་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན།
Domain རྩིས་རིག

{{#arraymap:མགལ་མེ་ཀླད་བསྐོར་བག་མ་

|; |@@@ | | }}