51095
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤིང་དུམ་མམ་དབྱུག་པ་དང་། ཤིང་ཐུར་སོགས་ཀྱི་སྣེ་མོ་མེ་ལ་བསྒྲོན་ནས་བསྐོར་ན་མེ་ལྕེའི་དབྱིབས་དེ་འཁོར་ལོའི་དབྱིབས་ལྟར་གོར་གོར་ཆགས་པ་དེ་ལ་ཟེར་བ་དང་། མགོ་འཁོར་བའམ་མགོ་འཐོམས་པའི་དཔེ་སྟེ། དེའི་དོན་ནི་རྒྱུ་མཚན་དང་གནད་དོན་ལ་མགོ་འཐོམས་ནས་དབྱེ་ཞིབ་ཀྱི་ནུས་པ་ཟད་པའམ་མེད་པར་གོ་བ་ཡིན། |
| Example | མགོ་བོ་མགལ་ལེའི་འཁོར་ལོ་ལྟར་འཁོར་འདུག་ལྟ་བུ། |
| Type | དཔེ་ཆོས། |