5111
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་བདུན་པའི་མགོར་འཁྲུངས། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་དང་། བ་སོ་ངག་དབང་ཆོས་ཀྱི་དབང་ཕྱུག་རྣམ་གཉིས་དང་ཆོས་འབྲེལ་གསན་རེས་མཛད་པ་ལས་རྣམ་ཐར་མཇལ་རྒྱུ་མ་རྙེད། གསུང་རྩོམ་ནི་དགེ་སློང་གི་བསླབ་བྱ་མདོར་བསྡུས་དང་། འདུལ་བའི་ཡན་ལག་ལྟུང་བྱེད་འབའ་ཞིག་གིས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ། དགེ་སློང་མའི་བསླབ་བྱའི་རྣམ་གཞག དགེ་སློང་ལ་ཉེས་བྱས་སུ་འགྱུར་བའི་བསླབ་བྱའི་རྣམ་གཞག སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་ཀྱི་སྡེའི་ལྟུང་བས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ། དགེ་སློང་གི་སྤང་བྱའི་གཙོ་བོ་ལྟུང་བ་སྡེ་ལྔའི་ནང་ནས་ཕམ་པའི་ལྟུང་བས་མ་གོས་པར་བྱ་ཚུལ་བརྗེད་བྱང་དུ་བྱས་པ། སྤང་པའི་ལྟུང་བྱེད་ཀྱིས་མ་གོས་པར་བྱེད་ཚུལ་བརྗེད་བྱང་དུ་བྱས་པ་བཅས་པོ་ཏི་གཅིག་བཞུགས། |
{{#arraymap:ཁལ་ཁ་ངག་དབང་རྡོ་རྗེ་
|; |@@@ | | }}