From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མགུལ་ (1)
| Part of speech
|
མིང་ཚིག
|
| Definition
|
མཚམས་རེར་རི་བོ་སོགས་ཀྱི་སྐེ་ལ་གོ་བའི་སྐབས་ཀྱང་ཡོད་དེ།
|
| Example
|
རྗེ་མི་ལ་རས་པའི་མགུར་འབུམ་ལས། རི་དེ་ཡི་མགུལ་ན་གདུལ་བྱ་ཡོད། །ཁྱེད་དེ་རུ་སོང་ལ་འགྲོ་དོན་གྱིས། །ཞེས་པ་ལྟ་བུ།
|
མགུལ་ (2)
| Part of speech
|
མིང་ཚིག
|
| Definition
|
སྐེ་ཡི་མིང་སྟེ། མགུལ་པ་ཞེས་པའི་མིང་མཐའི་པ་ཡིག་བསྡུས་ནས་མགུལ་ཞེས་བྲིས་པའོ། །
|
| Example
|
ཨ་མའི་མགུལ་ནས་འཁྱུད་དེ་མིག་ཆུ་ཞམ་ཞམ་དུ་བཞུར་ལྟ་བུ།
|
| Type
|
ཞེ་ས།
|
མགུལ་ (3)
| Part of speech
|
མིང་ཚིག
|
| Definition
|
མིང་འགའ་ཤས་ཀྱི་སྔོན་དུ་སྦྱར་ན་ཞེ་སའི་ཚིག་ཏུ་འགྱུར་བ་ཡོད་དེ།
|
| Example
|
མགུལ་ཆམ་བཞེས་ལྟ་བུ་ནི་རང་ལས་ལོ་ན་རྒན་པ་དང་དགེ་རྒན་སོགས་ལ་ཆམ་པ་ཕོག་པ་ལ་ཟེར།
|