5113
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གསུམ་པའི་ས་ཕག་ཕྱི་ལོ་ ༡༧༧༩ ལོར་འཁྲུངས། བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད། གྲུབ་མཐའ་རི་བོ་དགའ་ལྡན་པ་ཡིན། རབ་བྱུང་བཅུ་བཞི་པའི་ས་ཁྱི་ཕྱི་ལོ་ ༡༨༣༨ ལོར་སྐུ་གཤེགས གསུང་རྩོམ་ནི་སྐྱེ་ཤི་བར་དོའི་རྣམ་གཞག་དང་། སྐོར་ཚད་ཐར་བའི་ཐེམ་སྐས། ཀུན་མཁྱེན་བླ་བའི་བློ་རིགས་ཀྱི་ཟུར་མཆན། འབེལ་གཏམ། རྒན་རྒོན་ཕོ་མོའི་ལོ་རྒྱུས་དང་སྦྱར་བའི་བསྟན་བཅོས་དགྲ་བོ་འཕྲང་སྒུག་བཅས་ཆོས་ཚན་གྱ་དགུ་ཡོད་པ་པོད་གསུམ་དུ་བསྡུས་ནས་བཞུགས། |
{{#arraymap:ཁལ་ཁ་མཁན་པོ་ངག་དབང་བློ་བཟང་མཁས་གྲུབ་
|; |@@@ | | }}