51186

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། སྤྱི་གཙུག་བལྟར་མི་སྣང་བའི་ཕྱིར། མྱ་ངན་ལས་འདས་པའི་མགོ །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་འདུད་པར་བྱ་བའི་ཕྱིར། བླ་མ་ལ་འདུད་པའི་མགོ །སྟོང་གསུམ་ཐམས་ཅད་ཀྱི་བདག་པོར་འགྱུར་བར་བྱ་བའི་ཕྱིར། མོས་པ་ཡངས་པའི་མགོ །ཁམས་གསུམ་གྱིས་མཆོད་པར་བྱ་བའི་ཕྱིར། དགེ་བའི་རྩ་བ་ཐམས་ཅད་སྔོན་དུ་འགྲོ་བའི་མགོ །གཙུག་ཏོར་དང་ལྡན་པའི་སྤྱི་བོ་འཐོབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའི་མགོ །ཐམས་ཅད་དུ་ཁྱད་པར་དུ་འགྲོ་བར་བྱ་བའི་ཕྱིར། གཞན་གྱི་ལྟུང་བ་ལ་བརྙས་པ་མེད་པའི་མགོ །སྤྱི་བོ་ལ་གནས་པའི་ཆོས་ཐོབ་པར་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མགོ །སེམས་ཅན་ཐམས་ཅད་ཀྱི་མགོ་མཉམ་པར་ཡོངས་སུ་བསྟན་པའི་ཕྱིར། ཡེ་ཤེས་དང་ཐབས་སུ་ལྡན་པའི་མགོ ། འགྲོ་བ་ཐམས་ཅད་སློབ་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་མགོ །དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡོངས་སུ་བསྡུ་བའི་མགོའོ། །
Domain ཆོས་ལུགས།

{{#arraymap:མགོ་བཅུ་

|; |@@@ | | }}