51261
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་ ༡༦༧༨ ལོར་མདོ་སྨད་དབལ་ཤུལ་གྱི་རིགས་སུ་འཁྲུངས། གཞོན་དུས་དབུས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། ཀུན་མཁྱེན་འཇམ་བཞད་ཀྱི་ཞབས་ཕྱིར་མདོ་སྨད་དུ་ཕེབས། ཀུན་མཁྱེན་རིན་པོ་ཆེ་ལ་ཐུགས་དད་ཤིན་ཏུ་ཆེ། བླ་བྲང་གི་ལས་ལས་སྒོ་ཀུན་འགན་ཁུར་ཡང་གནང་། རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ཕྱི་ལོ་ ༡༧༢༠ ལོར་བླ་བྲང་རྒྱུད་པའི་ཁྲིར་ལོ་གཉིས་རིང་བཞུགས། གསང་སྔགས་སྨིན་རྒྱས་གླིང་གི་ཁྲིར་ཡང་ཕེབས། དོན་གཅིག་པ་རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་ཕྱི་ལོ་ ༡༧༤༩ ལོར་སྐུ་གཤེགས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་རབས་གསུམ་པ་ཡིན། |
{{#arraymap:མགོ་རྟ་བློ་བཟང་མཁས་མཆོག་
|; |@@@ | | }}