From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མགོ་སྙོམས་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མཐོ་དམའ་དང་རིང་ཐུང་སོགས་འདྲ་བོའམ་མཉམ་མཉམ་བྱེད་པའི་དོན་ཏེ།
|
| Example
|
མེ་ཏོག་རིང་པོ་རྣམས་བྲེགས་ནས་མགོ་སྙོམས་པར་བྱ་དགོས་ལྟ་བུ།
|
མགོ་སྙོམས་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རིགས་འགྲེ་སྦྱོར་བའམ་རྒྱུ་མཚན་མཚུངས་པར་བྱས་པའི་དོན་ཏེ།
|
| Example
|
རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོ་ལས། རྒྱུ་མཚན་མཚུངས་པའི་མགོ་སྙོམས་ནི་འདི་ཁས་ལེན་ན་འདི་ཁས་ལེན་ཞེས་རྒྱུ་མཚན་ཁྱད་པར་མེད་པའི་སྒོ་ནས་མགོ་སྙོམས་པའོ་ཞེས་གསུངས།
|