51326

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོན་ཀྱཱ་གྲགས་པ་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར་འཁྲུངས། སྐུ་འབུམ་རྒྱུད་པའི་མཁན་ཁྲིར་བཞུགས། རྒྱུད་པའི་འདུ་ཁང་ཀ་བ་དྲུག་ཅུ་པ་གསར་བསྐྲུན་མཛད། རབ་བྱུང་བཅུ་གསུམ་པའི་ས་བྱི་ཕྱི་ལོ་ ༡༧༦༧ ལོར་སྐུ་འབུམ་གདན་སའི་ཁྲིར་བྱོན། གདན་ས་ལོ་ངོ་བཅུའི་རིང་བསྐྱངས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ཕྱི་ལོ་ ༡༧༧༥ ལོར་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། ལ་སར་ཏཱ་བླ་མ་བློ་བཟང་ཆོས་དར་རྣམས་ཀྱི་མཐུན་རྐྱེན་འོག་ཚོགས་ཆེན་འདུ་ཁང་རྒྱ་བསྐྱེད་མཛད། ར་ཁོ་དཔོན་པོ་སངས་རྒྱས་ལྷུན་གྲུབ་ཀྱིས་ཚོགས་ཁང་དུ་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས། བྱང་གི་བྱང་ཆུབ་མཆོད་རྟེན་ཆེན་མོ་ཞིག་གསོས་མཛད། སྐུ་འབུམ་རྒྱུད་པ་མཁན་པོའི་ཁྲི་རབས་ཉེར་དྲུག་པ་དང་། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་སོ་གཅིག་པ་ཡིན།