51327
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་བཞི་པའི་ས་ཕག་ཕྱི་ལོ་ ༡༨༣༩ ལོར་སྒོ་མོ་ཚོ་བདུན་གྱི་ནང་ཚན་དཀར་རྫིང་ངམ་སྒར་དམག་སྡེ་པར་ཡབ་དཀར་རྫིང་དཔོན་པོ་བསོད་ནམས་བསྟན་འཛིན་དང་། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། གསེར་ཁང་རྡོ་རྗེ་འཆད་གིས་སྐུ་གོང་མའི་སྤྲུལ་སྐུར་ངོས་བཟུང་། ལྔ་པར་མཆོད་རྟེན་སྐེས་དགོན་པའི་གདན་སར་བཀོད། སྤྲུལ་སྐུ་བློ་བཟང་དགེ་ལེགས་རྒྱལ་མཚན་ཀློག་གི་བཤེས་གཉེན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། ཆོས་སྤྱོད་ཆོ་ག་བཅས་ངལ་མེད་དུ་མཁྱེན། བཅུ་བཞི་པར་སྐུ་འབུམ་དགོན་གྱི་གདན་སར་བཞུགས། དཀའ་ཆེན་བྱང་ཆུབ་རིན་ཆེན་ཡོངས་འཛིན་དུ་བསྟེན། དཔལ་ལྡན་བཤད་སྒྲུབ་གླིང་དུ་གཞུང་ཆེན་ལྔ་ལ་ལེགས་པར་སྦྱངས། བསྡུས་གྲྭའི་དམ་བཅའ་དང་ཚོགས་ལངས་གནང་། ཆུ་བཟང་བློ་བཟང་ཐུབ་བསྟན་རབ་རྒྱས་ལས་ཚིགས་སྔ་མ་དང་ཕྱི་མའི་སྡོམ་པ་བཞེས། མཆོད་རྟེན་སྐེས་དགོན་པའི་ཁྲིར་བྱོན། འཆད་ཉན་ལེགས་པར་བསྐྱངས། ཉེར་གཉིས་པར་སྨན་པ་དཔོན་སློབ་ཀྱི་ཁྲིར་བྱོན། བཀའ་ཆོས་བརྩི་བཞག་གནང་། འཛིན་གྲྭ་སོ་སོའི་སློབ་གཉེར་ཀུན་ལ་ནན་གཟིགས་མཛད། ཉེར་དྲུག་པ་རབ་བྱུང་བཅུ་བཞི་པའི་ཤིང་བྱི་ཕྱི་ལོ་ ༡༨༦༤ སྐུ་འབུམ་གདན་སའི་ཁྲིར་ཕེབས། གདན་ས་ལོ་ངོ་གཅིག་རིང་བསྐྱངས། འགྲིག་ལམ་དང་། ཀུན་སྤྱོད། སློབ་གཉེར་ཀུན་ལ་དོ་དམ་གནང་། ཁྲི་ཟུར་རྗེས་རང་དགོན་མཆོད་རྟེན་སྐེས་སུ་རྒྱུན་བཞུགས་མཛད། དབུས་གཙང་དག་པའི་ཞིང་དུ་རྒྱལ་བ་ཡབ་སྲས་དང་། ཇོ་ཤཱཀ་རྣམ་གཉིས། གྲྭ་ས་སེ་འབྲས་དགེ་གསུམ་བཅས་ལ་མཆོད་པ་རྒྱ་ཆེར་མཛད། རང་དགོན་དུ་བྱོན་རྗེས་འདི་ཕྱིའི་ལེགས་ཚོགས་ལ་སྨན་པའི་བྱ་བ་བསྒྲུབས། སོ་བརྒྱད་པ་ རབ་བྱུང་བཅོ་ལྔ་པའི་མེ་བྱི་ཕྱི་ལོ་ ༡༨༧༦ ལོར་སྐུ་གཤེགས། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་ང་དགུ་པ་ཡིན། |