51328

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོན་ཀྱཱ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅོ་ལྔ་པའི་ས་སྟག་ཕྱི་ལོ ༡༨༧༨ ལོར་སྒོ་མོ་ཚོ་བཞིའི་ནང་ཚན་ཨར་སྒོང་སྡེ་བར་ཡབ་ལྷ་བརྒྱ་བཀྲ་ཤིས་དང་། ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཤིང་བཟའ་རྡོ་རྗེ་འཆང་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། མཆོད་རྟེན་སྐེས་དགོན་པའི་གདན་སར་བྱོན། བདུན་པར་རྫོང་དཀར་འཇིགས་མེད་བསམ་གཏན་ལས་རབ་ཏུ་བྱུང་། བཤེས་གཉེན་བློ་བཟང་བརྩོན་འགྲུས་ཀློག་གི་དགེ་རྒན་དུ་བསྟེན། ཡི་གེའི་སྦྱོར་ཀློག་དང་། འདོན་ཆོས་སྤྱོད་གནས་ལ་དཔྱིས་ཕྱིན་པ་སྦྱངས། ལྕང་ར་དགེ་བཤེས་བྱང་ཆུབ་དར་རྒྱས་ལས་ཚད་མ་རྣམ་འགྲེལ་བཅས་ལ་བསླབས། བཅུ་དྲུག་པར་སྐུ་འབུམ་དུ་ཕེབས། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་བཀའ་པོད་ལྔ་ལ་ཐུགས་བརྩོན་གནང་། བཅུ་དགུ་པར་རོང་བོ་རེབ་ཀོང་དུ་རྫོང་དཀར་རྡོ་རྗེ་འཆང་ལས་བསྙེན་པར་རྫོགས། འདུལ་བ་སོགས་ཆོས་སྐོར་མང་དུ་གསན། ཉི་ཤུ་པ་རབ་བྱུང་བཅོ་ལྔ་པའི་མེ་སྤྲེལ་ཕྱི་ལོ ༡༨༩༦ ལོར་སྐུ་འབུམ་གདན་སའི་ཁྲིར་བཞུགས། འགྲིག་ལམ་དང་། ཀུན་སྤྱོད། འཆད་ཉན་བཅས་ལ་དོ་དམ་གནང་། ཁྲི་ཟུར་རྗེས་རང་དགོན་མཆོད་རྟེན་སྐེས་ཀྱི་ཁྲིར་བཞུགས། དགོན་པ་དང་སྔགས་པ་གཉིས་ཀྱང་ཐུགས་མཐུན་པར་མཛད། ཉེར་ལྔ་པར་དབུས་གཙང་དུ་ཕེབས། བསྟན་འགྲོའི་དོན་རྒྱ་ཆེར་མཛད། འདས་ལོ་མི་གསལ། སྐུ་འབུམ་དགོན་གྱི་གདན་རབས་ཁྲི་ཆེན་དོན་ལྔ་བ་ཡིན།