51329

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོན་ཀྱཱ་སྐུ་ཕྲེང་གཉིས་པ་སྒོ་མེ་གྲགས་པ་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དམ་པ་ཁོང་ནི་ཡུལ་མདོ་སྨད་ཁྲི་ཀའི་ཧོར་ཀྱཱར་འཁྲུངས། དབུས་སུ་ཕེབས་ནས་འབྲས་སྒོ་མང་དུ་བཀའ་པོད་ལྔས་མཚོན་པའི་གཞུང་ཆེན་ཁག་ལ་ཐུགས་གཉེར་གནང། གོང་ས་རྒྱལ་དབང་མཆོག་ནས་བཀའ་ཤོག་དང་གདུགས་དར་སོགས་གནང། མདོ་སྨད་དུ་ཕེབས་ནས། སྐུ་འབུམ་རྒྱུད་པའི་བླ་མ་དབུ་མཛད་དང། རྒྱུད་པའི་ཁྲི་རབས་བཅུ་གཉིས་པར་བཞུགས། ཁྲི་ཀའི་མཆོད་རྟེན་ཐང་དགོན་པ་ཕྱག་འདེབས་མཛད། སྒོ་མེ་གོང་འོག་བར་གསུམ་གྱི་གྲྭ་རྒྱུན་བསྡུས་ཏེ་དགེ་འདུན་ཞལ་གྲངས་ལྔ་བརྒྱ་ལོངས་པ་དང། རྒྱུད་སྡེའི་སྒྲུབ་མཆོད་དང་མཚན་ཉིད་གསར་དུ་བཙུགས། རབ་བྱུང་བཅུ་གཉིས་པའི་ས་མོ་བྱ་ཕྱི་ལོ་ ༡༧༢༩ ལོར་སྐུ་གཤེགས།