51330
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ཕྱི་ལོ་ ༡༧༣༠ ལོར། མདོ་སྨད་དགོན་ཀྱཱ་སྡེ་ཁྲོད་དུ་སྐུ་འཁྲུངས། འདི་ནས་བཟུང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་མགོན་ཀྱཱ་ཚང་ཞེས་པའི་མཚན་ཐོགས། སྐུ་འབུམ་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས་ནས་གཞུང་ཆེན་ཁག་ལ་གསན་སྦྱོང་མཐིལ་ཕྱིན་མཛད། ས་བྱི་ཕྱི་ལོ་ ༡༧༦༨ ལོར་སྐུ་འབུམ་ཁྲི་རབས་སོ་གཅིག་པར་བཞུགས། དགུང་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་གསུམ་པའི་མེ་བྱ་ཕྱི་ལོ་ ༡༧༧༧ ལོར་སྐུ་གཤེགས། |