51335
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི་རབ་བྱུང་བཅུ་གསུམ་པའི་ས་ཁྱི་ཕྱི་ལོ་ ༡༧༧༨ ལོར་མདོ་སྨད་ཆུ་བཟང་དགོན་པའི་ཉེ་འདབས་སུ་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་དུ་བཀའ་པོད་ལྔར་གསན་སྦྱོང་མཐིལ་ཕྱིན་མཛད། ཕྱི་ལོ་ ༡༨༠༦ ལོར་སྐུ་འབུམ་རྒྱུད་པའི་ཁྲིར་ཕེབས། ཕྱི་ལོ་ ༡༨༡༢ ལོར་སྐུ་འབུམ་ཁྲི་ཆེན་ལ་མངའ་གསོལ། དགུང་གྲངས་དྲུག་ཅུ་བཞེས་པ་རབ་བྱུང་བཅུ་བཞི་བའི་མེ་བྱ་ཕྱི་ལོ་ ༡༨༣༩ ལོར་སྐུ་གཤེགས། |