51364

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མགོན་ཚང་བློ་བཟང་ཡོན་ཏན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ཆུ་སྤྲེལ་ཕྱི་ལོ་ ༡༨༡༢ ལོར་ཨ་འདར་ཆ་གའི་གྲོང་དུ་ཨ་རྒྱ་ནང་སོའི་རྒྱུད་དུ་འཁྲུངས། སྐུ་ཕྲེང་གོང་མ་མགོན་ཚང་དཀའ་བཅུ་ངག་དབང་ཚུལ་ཁྲིམས་ཞེས་བྱ་ཁྱུང་དགོན་པའི་དགེ་བཤེས་ཚེ་སྒྲུབ་པ་སྙོམས་པ་ཞིག་ཡིན། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་དང་འདོན་ཆོས་བཅས་ལ་སྦྱངས། བྱ་དགོན་པ་ལས་བསྡུས་གཞུང་ནས་གཞུང་ཆེན་ལྔ་བར་སྦྱངས། སོ་བཞི་པ་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་ཕྱི་ལོ་ ༡༨༤༥ ལོར་བྱ་ཁྱུང་གདན་སའི་མཁན་ཁྲིར་བཞུགས། གདན་ས་ལོ་གཅིག་རིང་བསྐྱངས། འདས་ལོ་མི་གསལ། བྱ་ཁྱུང་དགོན་པའི་གདན་སའི་མཁན་རབས་རེ་གསུམ་པ་ཡིན།