5138

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁས་བླང་བའི་རྣམ་གྲངས་ཉི་ཤུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཞེན་ཆགས་ཅན་གྱི་གདུལ་བྱ་དང་། ལོག་སྲེད་ཅན་གྱི་གདུལ་བྱ་དང་། རིགས་རྒྱུད་ཅན་གྱི་གདུལ་བྱ་དང་། བློ་གྲོས་མཆོག་དང་ལྡན་པའི་གདུལ་བྱ་བཅས་སྣོད་བཞི་དང། འདོད་པ་རང་རྐྱེན་གྱི་ཐེག་པ་དང། བཀྲི་དྲང་བརྒྱུད་པའི་ཐེག་པ་དང། ལྡེམ་དགོངས་སྦྱོར་བའི་ཐེག་པ་དང། དོན་དམ་ངེས་པར་སྣང་བའི་ཐེག་པ་སྟེ་བསྟན་པ་བཞི་དང། ཐེག་པ་བཞི་པོ་རེ་རེ་བཞིན་དགོས་ཆེད་དང་། ངེས་ཚིག་དང་། ངོ་བོ་དང། དོན་གྱི་དམིགས་བཟུང་བ་བཅས་སྦྱར་བ་ནི་གཏན་ཚིགས་ཀྱི་ཡན་ལག་བཞི་དང་། བཀའ་ལས་སྣང་བ་དང་། དོན་གྱི་ངོ་བོ་ཡིན་པ་དང་། གཏན་ཚིགས་ཀྱིས་ཚད་མར་གྲུབ་པ་དང་། རིགས་པས་ཡིད་ཆེས་པར་བྱེད་པ་སྟེ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་། བསྟན་པ་བཞི་པོ་གང་བཤད་ནའང་ལུང་ལས་གསལ་བར་སྣང་བ་འབྱུང་བ་དང༌། དོན་གྱི་ངོ་བོ་དང་མི་འགལ་བ་དང་། གཏན་ཚིགས་ཀྱིས་རྒྱས་པ་དང་། རིགས་པས་འཐད་པ་སྟེ་གཏན་ཚིགས་ཆོས་རྟགས་བཞིའི་ཚུལ་དུ་སྦྱོར་བ་བཅས་ཉི་ཤུའོ། །
Domain ཆོས་ལུགས།