51503

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མང་ལྡན་དབང་པོ་བཅུ་དགུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དབང་པོ་ཉི་ཤུ་རྩ་གཉིས་ལས་མང་པོར་ལྡན་པ་ལ་དབང་པོ་བཅུ་དགུ་དང་ལྡན་པ་རྣམས་སོ། །དེ་དག་ནི། དྲི་མ་མེད་པ་གསུམ་མ་གཏོགས་ཏེ། འདོད་ཁམས་པའི་གང་ཟག་དབང་པོ་རྣམས་ཚང་ཞིང་མཚན་གཉིས་པ་ལ་དབང་པོ་ལྷག་མ་ཀུན་དང་ལྡན་པ་ཡིན་ནོ། །དེ་བཞིན་དུ། འཕགས་པ་ཆགས་བཅས་རྒྱུན་ཞུགས་དང་ལན་གཅིག་ཕྱིར་འོང་འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་ལའང་དབང་པོ་བཅུ་དགུ་ལྡན་པ་སྲིད་དེ། ཀུན་ཤེས་པར་བྱེད་པ་དང་ལྡན་པའི་རྒྱུན་ཞུགས་ལ་ཕོ་མོའི་མཚན་མ་གང་རུང་དང་དྲི་མེད་ཕྱི་མ་གཉིས་མ་གཏོགས་སོ། །ཀུན་ཤེས་པ་དང་ལྡན་པའི་ཕྱིར་འོང་ལ་ཕོ་མོའི་མཚན་མ་གང་རུང་དང་དྲི་མེད་དབང་པོ་སྔ་ཕྱི་མ་གཏོགས་སོ། །
Domain ཆོས་ལུགས།