51508

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མང་སྲོང་མང་བཙན་ (1)
Part of speech མིང་ཚིག
Definition ཆུ་གླང་ལོ་ཕྱི་ལོ་ ༦༣༨ ལོར་ཡབ་རྒྱལ་པོ་གུང་རི་གུང་བཙན་དང་། འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ་ཁྲི་དཀར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པར་རྒྱལ་ཁྲིར་བཞུགས། བློན་པོ་མགར་སྟོང་བཙན་དང་། མཆིམས་མང་གཉེར་གཉིས་ཀྱིས་བྱས། བློན་ཆེན་པོ་མགར་བཙན་སྙ་ལྡོམ་བུ་དང་། མགར་ཁྲི་འབྲིང་བཙན་བྲོད་བཅས་དང་ལྷན་དབྱར་འདུན་དང་། དགུན་འདུན་ཞེས་པའི་གྲོས་ཚོགས་ཆེན་པོ་ཞིག་སྲོལ་བཏད། དེའི་སྟེང་རྒྱལ་ཁབ་ཀྱི་སྲིད་དོན་དང་། དམག་དོན། དཔལ་འབྱོར་བཅས་ལས་དོན་གལ་ཆེན་དག་གཏན་འབེབས་མཛད་དེ། རྒྱལ་ཁབ་ཀྱི་འཛིན་སྐྱོང་ལམ་ལུགས་ལ་འགྱུར་བཅོས་བཏང་། འབྲོ་བཟའ་ཁྲི་མ་ལོད་ཁབ་ཏུ་བཞེས། འདུས་སྲོང་མང་པོ་རྗེས་སྲས་སུ་འཁྲུངས། ས་ཡོས་ཕྱི་ལོ་ ༦༧༩ ལོར་སྐུ་གཤེགས། དཔེ་རྙིང་དུ་མང་སློན་མང་རྩན་བྲིས་པའང་ཡོད། འཁྲུངས་འདས་ཀྱི་ལོ་ཚིགས་ངེས་གཏན་མ་རྙེད།