51533
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ཀུན་དབྱིངས་ཆོ་ག་ལས་བདེ་བར་གཤེགས་པའི་རྟེན་གསུམ་སོགས་ལ་བཀྲ་ཤིས་བྱིན་རླབས་རབ་ཏུ་གནས་པའི་ཡན་ལག་ཆོ་ག་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། མངའ་དབུལ་ཡན་ལག་ཉི་ཤུ་རྩ་ལྔས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལ། བྱིན་གྱིས་རླབས་ཤིང་མངའ་གསོལ་བ་བསྟན་པའོ། །ཞེས་སོ། །ཉེར་ལྔ་ནི། ཏིང་ངེ་འཛིན་གྱི་མངའ་གསོལ་ལྔ་དང་། སྙིང་པོའི་མངའ་གསོལ་བཅུ། ཕྱག་རྒྱའི་མངའ་གསོལ་བཅུ་དང་ཉེར་ལྔའོ། ། |
| Domain | ཆོས་ལུགས། |