51536

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་དབང་ཆེན་པོ་བརྙེས་པའི་རྟགས་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྟགས་ཀྱི་རྟོག་པའི་ནང་གསེས་ཤིག་སྟེ། རྒྱལ་བ་གང་དག་ནང་དུ་དབང་བཅུའི་ཡོན་ཏན་ཡོངས་སུ་རྫོགས་ཏེ་ལྷུན་གྱིས་གྲུབ་པའི་ཡོན་ཏན་སྣང་བའི་དོོན་ཡིན་པར། མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་དེ་ལ་མངའ་དབང་ཆེན་པོ་བརྙེས་པའི་རྟགས་ནི་འདི་ལྟ་སྟེ། གང་དབང་བཅུ་ཡོངས་སུ་རྫོགས་པའོ། །ཞེས་པ་ལྟར་གཟི་ལྡན་འཆར་ཁའི་འོད་སྣང་ལས། ཆོས་ཀྱི་མངའ་བདག་ཆེན་པོ་དབང་བཅུ་བརྙེས་པས་ཆོས་ཀྱི་འཁོར་ལོ་བཅུ་བསྐོར་བ་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཐེ་ཚོམ་གྱིས་བསྙེངས་པ་མི་མངའ་བའི་མངའ་དབང་ཆེན་པོ་བརྙེས་པའི་ཡོན་ཏན་སྣང་ཞིང་མཚོན་པའི་རྟགས་འཁོར་ལོ་རིན་པོ་ཆེ་ཞེས་པའི་མིང་ཡང་འགྲུབ་པ་དང༌། ཞེས་གསུངས།
Domain ཆོས་ལུགས།