51545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་བདག་ཆོས་རྗེ་ཆོས་ཀྱི་བླ་མ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་ཤིང་འབྲུག་ཕྱི་ལོ་ ༡༡༨༤ ལོར་ཤབ་སྒོ་ལྔའི་སྣ་རིང་དུ་འཁྲུངས། དཔལ་ལྡན་གྲོ་མོ་ཆེ་ལས་དགེ་སློང་བསྒྲུབས། མཁན་པོ་གྲོ་སྟོན་བདུད་རྩི་གྲགས་པ་བསྟེན། བཀའ་གདམས་པའི་གདམས་ངག་ཕལ་ཆེ་མནོས། ཐམས་ཅད་མཁྱེན་པར་གྲགས། སྣར་ཐང་གི་གདན་ས་ལོ་ངོ་བཅུའི་རིང་བསྐྱངས། ང་བརྒྱད་པ་རབ་བྱུང་བཞི་པའི་ལྕགས་གླང་ཕྱི་ལོ་ ༡༢༤༡ ལོར་སྐུ་གཤེགས། གསུང་རྩོམ་ནི་བཤེས་གཉེན་སྟོན་པའི་རྣམ་ཐར་དང་། པོ་ཏོ་བ་དང་ཤ་ར་པའི་རྣམ་ཐར་བཅས་བཞུགས། གདུང་རྟེན་ནི་གདན་ས་བཞི་པའི་གདུང་རྟེན་གྱི་བར་དུ་བཞུགས། དཔལ་སྣར་ཐང་དགོན་གྱི་གདན་རབས་ལྔ་པ་ཡིན།