51547

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་བདག་དཔལ་འཁོར་བཙན་ (1)
Part of speech མིང་ཚིག
Definition ཆུ་གླང་ཕྱི་ལོ་ ༨༩༣ ལོར་ཡར་ལུང་འཕང་ཐང་དུ་ཡབ་མངའ་བདག་འོད་བསྲུངས་དང་། ཡུམ་ཅོག་རོ་བཟའ་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ཤིང་གླང་ཕྱི་ལོ་ ༩༠༥ ལོར་ཡབ་འོད་བསྲུངས་སྐུ་གཤེགས། གཙང་གི་གྲོམ་པ་ལྷ་རྩེར་གཤེགས་རྫོངས་ཆོས་འཁོར་རྒྱ་ཆེར་བསྐོར། རྒྱལ་ཁྲིར་འཁོད། ལོ་ངོ་བཅོ་བརྒྱད་རིང་ཆབ་སྲིད་བསྐྱངས་ཤིང་། བློན་པོ་འབྲོ་ཙུག་སྒྲ་ལྷ་སྣང་དང་། ཅང་ཝ་ཕོ་གཉིས་ཀྱིས་བྱས། བཅུ་དྲུག་པ་ས་འབྲུག་ཕྱི་ལོ་ ༩༠༨ ལོར་ཡབ་མེས་ཀྱི་བང་སོ་ལ་ཐིགས་ཚགས་བྱས་ནས་ཝ་བཙུགས། སྒྲོལ་ཕུའི་སྨན་ལུང་སོགས་གཙུག་ལག་ཁང་བརྒྱད་བཞེངས། གྲོམ་པ་ལྷ་རྩེའི་བྲག་ལ་ཕོ་བྲང་གཙང་ཡུལ་དུ་བཞེངས། ཆེན་མ་སྣ་ནམ་བཟའ་ལེགས་བཙུན་དང་། ཆུན་མ་མཆིམས་བཟའ་བཙུན་ནེ་གཉིས་བསུན་མོར་བསུས། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས་འཁྲུངས། སོ་གཅིག་པ་ཆུ་ལུག་ཕྱི་ལོ་ ༩༢༣ ལོར་སྟག་རྩེ་སྙགས་ཀྱིས་བཀྲོངས།