51549

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་བདག་བློ་གྲོས་མཆོག་ལྡན་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་སྨད་དུ་ཡབ་མངའ་བདག་གྲགས་པ་འབུམ་ལྡེའི་སྲས་སུ་མངའ་རིས་ཡུལ་དུ་འཁྲུངས། མངའ་རིས་སྐོར་གསུམ་དབང་དུ་བསྡུས། གུ་གེ་ནས་དམུ་ཁྲབ་ཟིལ་པ་མ་མོའི་མུན་སྒྲུབ་དང་། ཁྲབ་ཆུང་དཀར་རུ། ལྷ་ཁྲབ་དཀར་པོ་གཙོས་ཁྲབ་བཅོ་བརྒྱད། རལ་གྲི་ནམ་མཁའ་ཁྲག་ལྡག འབྲོང་རྩེ་རིང་། གློག་དམར་མེ་གསོད་ལ་སོགས་པའི་རལ་གྲི་བཅོ་བརྒྱད། སྐེ་གྲི་བདུད་གྲི་ནག་པོ། དམ་གྲི་གཞུང་བརྒྱད་རྣམས་ཀྱི་གཙོ་བྱས་པའི་སྐེ་གྲི་བཅོ་ལྔ། ལྷ་གཡུ་འོད་ལྡན། ལྷ་གཡུ་དཀར་པོ་གཉིས་ཀྱིས་གཙོས་པའི་གཡུ་བཅོ་ལྔ། སྒ་མ་ཇི་ཁྲི་སྟེང་། བཀྲ་ཤི་འོད་ལྡན་སོགས་སྒ་ཉི་ཤུ། ཆིབས་གྲོ་བོ་ལྔ་བཅུ་དང་། ངང་པ་ལྔ་བཅུ། འོལ་བ་ཉི་ཤུ། ཁྲ་བོ་སུམ་ཅུ། འབྲི་ཟལ་མོ་ཉི་ཤུ། གཡག་ཁམ་པ་ཉི་ཤུ། ལུག་ལ་སོགས་པའི་དཔྱ་ཁྲལ་མང་པོ་བསྡུས་ཏེ་མངའ་ཐང་ཤིན་ཏུ་དར་བར་བྱུང་། མངའ་རིས་རྒྱལ་པོ་རིམ་བྱོན་གྱི་ནང་ནས་སྙན་གྲགས་ཆེ་ཤོས་ཡིན།