51566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་རིས་ལྷ་བཙུན་བློ་བཟང་བསྟན་པའི་ཉི་མ་ (1)
Part of speech མིང་ཚིག
Definition རབ་བྱུང་བརྒྱད་པའི་ལྕགས་ཡོས་ཕྱི་ལོ་ ༡༤༧༡ ལོར་མངའ་རིས་ནུབ་རར་ཆོས་རྒྱལ་གྱི་གདུང་བརྒྱུད་དུ་འཁྲུངས་པས་ལྷ་བཙུན་དུ་གྲགས། དཀྱིལ་ཁང་གྲྭ་ཚང་གི་སློབ་དཔོན་སངས་རྒྱས་དབང་ཕྱུག་སོགས་བཤེས་གཉེན་དུ་བསྟེན། སྡེ་སྣོད་གསུམ་ལ་སྦྱང་བརྩོན་མཛད། རབ་བྱུང་དགུ་བའི་ཤིང་ཕག་ཕྱི་ལོ་ ༡༥༡༥ ལོར་གདན་སའི་ཁྲི་ཐོག་ཏུ་ཕེབས། བཀྲ་ཤིས་ལྷུན་པོའི་གདན་ས་ལོ་ཉེར་གཉིས་རིང་བསྐྱངས། ཞྭ་ལུའི་མཁན་པོ་ལོ་བདུན་དུ་མཛད། འདས་ལོ་མི་གསལ། བཀྲ་ཤིས་ལྷུན་པོའི་ཁྲི་པ་དྲུག་པ་ཡིན།