51571

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་རིས་སྤྲུལ་སྐུ་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་མཁས་གྲུབ་བསྟན་འཛིན་རྒྱ་མཚོ་ (1)
Part of speech མིང་ཚིག
Definition མངའ་རིས་སྤྲུལ་སྐུ་འདི་བ་ལྷ་སའི་ནུབ་ངོས་སྟོད་མདའ་ཤུན་ཁུལ་ཁང་སར་བྱང་དུ། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༨༤ ལོར་འཁྲུངས། དགུང་ལོ་བཅུ་པར་གསེར་བུམ་དཀྲུགས་ཏེ་གོང་མའི་ཡང་སྲིད་དུ་ངོས་བཟུང། སོག་ཡུལ་དུ་ཕེབས་ཏེ་ངྷ་གོང་ཁྲིར་བཞུགས། ཟངས་དཀར་གྱི་རང་དགོན་རྣམས་སུ་རྒྱུན་རིང་བཞུགས་ཏེ། གཞི་གསུམ་གྱི་ཉམས་ལེན་སོགས་དག་ཐེར་མཛད། དགེ་བཤེས་ངག་དབང་ཐར་པ་སོགས་ལ་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ། ཟངས་དཀར་ནས་ཕྱིར་ཕེབས་ཏེ་སྐྱོར་ལུང་དུ་བཞུགས། དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ་ ༡༩༤༤ ལོར་ལྷ་ས་རུ་དགོངས་པ་རྫོགས།