51573

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངའ་རིས་སྤྲུལ་སྐུ་སྐུ་ཕྲེང་བཅུ་བཞི་པ་བློ་བཟང་བསྟན་འཛིན་ཆོས་རྒྱལ་ (1)
Part of speech མིང་ཚིག
Definition མངའ་རིས་སྤྲུལ་སྐུ་འདི་ཉིད་ལྷ་ས་གྲོང་ཁྱེར་དུ་གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་མཆེད་དུ། རབ་བྱུང་བཅུ་དྲུག་པའི་མེ་བྱ་ཕྱི་ལོ་ ༡༩༤༦ ལོར་འཁྲུངས། གནས་ཆུང་དང་དགའ་གདོང་གཉིས་ཀྱིས་གོང་མའི་སྐུ་སྐྱེར་ཐག་བཅད། འབྲས་སྤུངས་སྒོ་མང་དུ་ཆོས་ཞུགས་མཛད་དེ། དགེ་བཤེས་ངག་དབང་ལེགས་ཚོགས་དང་། དགེ་བཤེས་ངག་དབང་ཉི་མ་སོགས་བསྟེན་ནས་གཞུང་རྣམས་ལ་ཐུགས་གཉེར་གནང། ཕྱི་ལོ་ ༡༩༥༩ ལོར་གོང་ས་མཆོག་དང་ལྷན་རྒྱ་གར་དུ་ཕེབས་ཏེ། ད་ལྟ་བཞུགས་སྒར་རྡ་རམ་ས་ལར་བོད་བསྟན་སྲིད་ཀྱི་ཕྱག་ལས་གནང་བའི་སྐབས་སོ། །