51600

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངལ་དུ་འཇུག་པའི་རྣམ་གྲངས་ཀྱི་དོན་ལྔ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་ཉེར་ལྔ་པ་མུ་སྟེགས་ཅན་ལུང་བསྟན་པའི་ལེའུ་ལས་བྱུང་བ་སྟེ། དེ་ལ་མ་ཞེས་གང་སྨྲས་པ་དེ་ནི། སྔོན་གྱི་ལས་བསགས་པའི་རྐྱེན་དུ་གསུངས་སོ། །ཕ་ཞེས་བྱ་བ་ནི། སྔོན་གྱི་ལས་བསགས་པའི་རྒྱུར་གསུངས་སོ། །དྲི་ཟ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ལས་ཀྱིས་འཕངས་པའི་ཚིག་བླ་དྭགས་སོ། །མེར་མེར་པོ་ཞེས་བྱ་བ་ནི། ལས་ཀྱི་འཕངས་པའི་རྣམ་པར་ཤེས་པའི་གནས་དང་གཞིའོ། །མའི་མངལ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ལས་ཀྱིས་འཕངས་པའི་གཞི་སྟེ། འདི་ལྟར་མའི་མངལ་ན་གནས་པའི་རྣམ་པར་ཤེས་པ་ནི། སྐྱེ་བ་དང་། འཕེལ་བ་དང་། རྒྱས་པར་འགྱུར་བའོ། །
Domain ཆོས་ལུགས།