51604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངལ་དུ་འཇུག་པར་འགྱུར་བའི་འདུ་ཤེས་བཅུ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་ལེའུ་བཞི་བཅུ་པ་མངལ་ན་གནས་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། དེང་བདག་ནི་ཁང་པའི་ནང་དུ་འཇུག་གོ །སྙམ་པ། བདག་ནི་ཁང་པ་བརྩེགས་མའི་ནང་དུ་འཛེག་གོ །སྙམ་པ། བདག་ནི་གཞལ་མེད་ཁང་དུ་འཇུག་གོ །སྙམ་པ། བདག་ནི་གཞལ་མེད་ཁང་དུ་འཇུག་གོ །སྙམ་པ། བདག་ནི་རྩྭའི་སྤྱིལ་བུར་འཇུག་གོ །སྙམ་པ། བདག་ནི་ལོ་མའི་ཁྱིམ་དུ་འཇུག་གོ །སྙམ་པ། བདག་ནི་རྩྭ་སྟུག་པོར་འཇུག་གོ །སྙམ་པ། བདག་ནི་ནགས་ཀྱི་ནང་དུ་འཇུག་གོ །སྙམ་པ། བདག་ནི་རྩིག་པའི་བུ་གར་འཛུལ་ལོ། །སྙམ་པ། བདག་ནི་སོག་མའི་གསེབ་ཏུ་འཇུག་གོ །སྙམ་པའོ། །
Domain ཆོས་ལུགས།