51626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངལ་སྐྱེ་ (1)
Part of speech མིང་ཚིག
Definition སྐྱེ་གནས་བཞིའི་ནང་གསེས་ཤིག སེམས་ཅན་གང་དག་མངལ་ལས་སྐྱེས་པ་རྣམས་ཏེ། མི་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། མ་ཧེ་དང་། བོང་བུ་དང་། ཕག་ལ་སོགས་པ་ལྟ་བུའོ། །སྐྱེ་གནས་སུ་འཇུག་ཚུལ་དང་ཀུན་སློང་གི་ཁྱད་པར་ནི། མཛོད་ལས། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །ཞེས་པ་སྟེ། ལས་ཀྱི་མཐུ་ལས་བྱུང་བའི་མིག་གིས་སྐྱེ་བའི་ཡུལ་ཐག་རིང་པོ་ན་འདུག་ཀྱང་མཐོང་ངོ་། །དེས་དེ་ན་ཕ་མ་ཉལ་པོ་བྱེད་པ་དེ་མཐོང་ནས་ཕོ་ཞིག་ཡིན་ན་ནི་དེས་མ་ལ་ཕོའི་འདོད་ཆགས་སྐྱེའོ། །མོ་ཞིག་ཡིན་ན་ནི་ཕ་ལ་མོའི་འདོད་ཆགས་སྐྱེའོ། །བཟློག་པ་ནི་ཁོང་ཁྲོ་བ་སྐྱེ་བ་སྟེ། བཏགས་པ་ལས་འདི་སྐད་དུ་དེའི་ཚེ་དྲི་ཟ་ལ་སེམས་གཉིས་ལས་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པའི་སེམས་གང་ཡང་རུང་བའི་མངོན་དུ་གྱུར་པ་ཡིན་ནོ་ཞེས་འབྱུང་ངོ་། །དེ་ནི་གཉིས་ཀྱི་ཕྱིན་ཅི་ལོག་ཏུ་གྱུར་པས་ཡུལ་དེར་ཕྱིན་པ་དང་། དགའ་བར་འདོད་པའི་གནས་སྐབས་དེ་བདག་ཉིད་མོས་སོ། །དེ་ནས་དེའི་ཕུང་པོ་མཁྲང་པོར་འགྱུར་ལ་སྲིད་པ་བར་མ་ཡང་འགག་པར་འགྱུར་བས་ན་སྐྱེས་པ་ཡིན་ནོ། །
Domain ཆོས་ལུགས།