51629

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངལ་སྐྱེས་ཁམས་དྲུག་ (1)
Part of speech མིང་ཚིག
Definition ཕ་ལས་ཐོབ་པའི་རུས་པ་དང་། རྐང་དང་། ཁུ་བ་དང་། མ་ལས་ཐོབ་པའི་ཤ་དང་། པགས་པ་དང་། ཁྲག་དང་བཅས་དྲུག་ལ་ངོས་འཛིན་པ་ཡིན་པས། དབྱངས་ཅན་དགའ་བློའི་བརྗེད་བྱང་ནའང་། ཕ་ལས་ཐོབ་པའི་རུས་པ་རྐང་ཁུ་བ་གསུམ་དང་། མ་ལས་ཐོབ་པའི་ཤ་པགས་ཁྲག་གསུམ་སྟེ་ཁམས་དྲུག་དང་ལྡན་པ་ལ་ཟེར་ཞེས་དང་།
མངལ་སྐྱེས་ཁམས་དྲུག་ (2)
Part of speech མིང་ཚིག
Definition བྱང་སེམས་དཀར་པོ་དང༌། བྱང་སེམས་དམར་པོ། ཤ རུས་པ། རྩ། ཁམས་བཅས་དྲུག་ཚང་བ་ནི་འཛམ་བུའི་གླིང་པ་ཁོ་ནར་ངེས་པ་ལས་ལྷ་ལ་མེད་ཅིང༌། ཁམས་དྲུག་ལྡན་པ་དེ་ནི་འཛམ་བུ་གླིང་བའི་མི་ལུས་ཀྱི་ཁྱད་ཆོས་ཡིན་ཞེས་གསུངས་སོ། །
མངལ་སྐྱེས་ཁམས་དྲུག་ (3)
Part of speech མིང་ཚིག
Definition སྒོ་མང་གུང་རུ་རབ་འབྱམས་པའི་དྲིས་ལན་ལྕང་སྐྱ་རོལ་པའི་རྡོ་རྗེས་གནང་བ་ལས། རྒྱུད་ཀྱིས་བསྡུས་པའི་འབྱུང་བ་བཞི་དང་། རྩ་དང་ཐིག་ལེ་སྟེ་དྲུག་དང་ལྡན་པ་ལ། མངལ་སྐྱེས་ཁམས་དྲུག་ལྡན་ཟེར་ཞེས་གསུངས་སོ། །
མངལ་སྐྱེས་ཁམས་དྲུག་ (4)
Part of speech མིང་ཚིག
Definition འབྱུང་བ་བཞི་དང་། ནམ་མཁའ། རྣམ་ཤེས་ཏེ་དྲུག་དང་ལྡན་པ་ལ་ཟེར་བ་དང་།
མངལ་སྐྱེས་ཁམས་དྲུག་ (5)
Part of speech མིང་ཚིག
Definition བཀའ་བརྒྱུད་ལས། འབྱུང་བ་བཞི། ཁུ་བའི་ཁམས། ནམ་མཁའི་ཁམས་དང་དྲུག་ཅེས་པའང་སྣང།