51640

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་གྱུར་ (1)
Part of speech མིང་ཚིག
Definition མངོན་སུམ་དུ་གྱུར་པ་ཞེས་པའི་བསྡུས་ཚིག་སྟེ། དངོས་སུ་བྱུང་བ་དང༌། མཐོང་ཆོས་སུ་གྱུར་པའི་དོན།
Example དགེ་སེམས་མངོན་གྱུར་ལྟ་བུ།
མངོན་གྱུར་ (2)
Part of speech མིང་ཚིག
Definition མངོན་པར་གྱུར་པའམ། མངོན་དུ་གྱུར་པ་རང་དབང་ཐོབ་པ་དང༌། ཁོང་དུ་ཆུད་པ།
མངོན་གྱུར་ (3)
Part of speech མིང་ཚིག
Definition གཞལ་བྱ་ལ་རྟོགས་ཚུལ་གྱི་སྒོ་ནས་གསུམ་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། གཞལ་བྱ་མངོན་གྱུར་གྱི་མཚན་ཉིད། མངོན་སུམ་ཚད་མས་རྟོགས་པར་བྱ་བ། དཔེར་ན་སྔོན་པོ་ལྟ་བུའོ། །ཞེས་དང་། ཡང་ན་(གཞལ་བྱ་མངོན་གྱུར་)དེའི་མཚན་ཉིད། མྱོང་སྟོབས་ཀྱི་སྒྲོ་འདོགས་དཔྱད་པར་བྱ་བ། ཞེས་གསུངས།
Domain ཚད་མ།
མངོན་གྱུར་ (4)
Part of speech མིང་ཚིག
Definition མངོན་སུམ་གྱི་ཚད་མས་རྣམ་པར་ཤར་བའི་སྒོ་ནས་རྟོགས་པར་བྱ་བ་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གསལ་བའི་མེ་ལོང་ལས། མངོན་སུམ་གྱི་ཚད་མས་དངོས་སུ་རྟོགས་པར་བྱ་བ་དེ། མངོན་གྱུར་མཚན་ཉིད། དེ་དང་དངོས་པོ་དོན་གཅིག ཅེས་གསུངས་པའི་ཕྱིར།
མངོན་གྱུར་ (5)
Part of speech མིང་ཚིག
Definition མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། མངོན་སུམ་དང༌། མངོན་གྱུར་ཡིན་ཁྱབ་མཉམ། གཞི་གྲུབ་ན་མངོན་ལྐོག་གཉིས་ཀ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་རང་ཉིད་མངོན་དུ་གྱུར་པ་དང༌། མངོན་སུམ་དུ་རྟོགས་པའི་རིག་པ་གཉིས་ཡོད་པས་ཁྱབ། རང་ཉིད་ལྐོག་ཏུ་གྱུར་པའི་བློ་ཡང་ཡོད་པས་ཁྱབ་པའི་ཕྱིར།
Example ལ་ཕར་རྒྱབ་ཀྱི་མེ་དེ་ཚུར་རྒྱབ་ཀྱི་མེ་དུའི་འབྲེལ་བ་ཚད་མས་ངེས་པའི་གང་ཟག་གིས་དུ་བའི་རྟགས་ལས་ལ་རྒྱབ་ཀྱི་མེ་རྟོགས་པའི་རྗེས་དཔག་སྐྱེ། ཕར་རྒྱབ་ཀྱི་གནག་རྫི་མོས་ཀྱང་དེ་མངོན་སུམ་དུ་རྟོགས་པའི་ཕྱིར། དེ་ལྟར་བྱས་ན་རྟགས་སྟོབས་ཀྱིས་རྟོགས་བྱ་དང་མྱོང་སྟོབས་ཀྱིས་རྟོགས་བྱ་གཉིས་ཀྱང་མི་འགལ་ལོ། །ཞེས་དང་།
མངོན་གྱུར་ (6)
Part of speech མིང་ཚིག
Definition མངོན་འགྱུར་མཚན་ཉིད་ནི། དོན་སྤྱི་ལ་མ་ལྟོས་པར་རྟོགས་པར་བྱ་བ། དབྱེ་བ་ལ། ཡུལ་གྱི་སྒོ་ནས་དབྱེ་ན་གཉིས་ལས། དང་པོ་ལ་ཆོས་ཅན་དང་། ཆོས་ཉིད་གཉིས། དང་པོ་ལ་དོན་དང་ཤེས་པ་གཉིས་སོ། །ཡུལ་ཅན་གྱི་སྒོ་ནས་དབྱེ་བ་ལ། རྟོག་མེད་མ་འཁྲུལ་པའི་སྒོ་ནས་གསུམ་ནི། དོན་རིག་མངོན་སུམ། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་ལ་མངོན་གྱུར་དང་གསུམ་ལས། དང་པོ་ནི། གཟུགས་སོགས་དོན་ལྔའོ། །གཉིས་པ་ནི། ཤེས་པ་ཐམས་ཅད་དོ། །གསུམ་པ་ནི། ཆོས་ཉིད་ལྟ་བུའོ། །རྟོག་མེད་འཁྲུལ་ཤེས་ཀྱི་སྒོ་ནས། ཟླ་གཉིས་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་མངོན་གྱུར་ཡིན་པ་ལྟ་བུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། ། མངོན་གྱུར་གྱི་མཚན་ཉིད་ནི། ཚུར་མཐོང་མངོན་སུམ་གྱིས་རྟོགས་པར་བྱ་བའི་ཆོས། དབྱེ་བ་ལ། དངོས་བཏགས་མ་ཕྱེ་བར་ཡུལ་ཅན་གྱི་སྒོ་ནས་དབྱེ་བ་བཞི་ནི། དོན་རིག་མངོན་སུམ་ལ་མངོན་གྱུར། རང་རིག་མངོན་སུམ་ལ་མངོན་གྱུར། རྣལ་འབྱོར་མངོན་སུམ་ལ་མངོན་གྱུར། རྟོག་མེད་འཁྲུལ་ཤེས་ལ་མངོན་གྱུར་དང་བཞི། དང་པོ་ནི། ཕྱི་དོན་ཐམས་ཅད། གཉིས་པ་ནི། ཤེས་པ་ཐམས་ཅད། གསུམ་པ་ནི། ཆོས་ཉིད་ལྟ་བུ། བཞི་པ་ནི། ཟླ་གཉིས་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་ལ་མངོན་གྱུར་ཡིན་པ་ལྟ་བུའོ། །མངོན་གྱུར་ལ་ངོ་བོའི་སྒོ་ནས་དབྱེ་བ་ལ། གཟུང་ཡུལ་དང་ཚུར་མཐོང་གི་བརྒྱུད་ཀྱི་ཤེས་པ་གཉིས་ཡོད་དེ། མངོན་གྱུར་མཚན་ཉིད་པ་ནི་དེ་གཉིས་ཁོ་ནར་ངེས་པའི་ཕྱིར་རོ། །ཞེེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེེར་ལས་སོ། ། གང་ཟག་དེའི་རྒྱུད་ཀྱི་མངོན་སུམ་གྱི་ཚད་མས་རྟོགས་པར་ནུས་པ་དེ་གང་ཟག་དེའི་ངོར་མངོན་འགྱུར་ཡིན་པའི་མཚན་ཉིད། ཚུར་མཐོང་ལྷ་སྦྱིན་གྱི་མིག་ཤེས་ལ་སྣང་བའི་སྔོ་སེར་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Antonyms ལྐོག་གྱུར།