51668
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། མངོན་པ་གོང་མ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་དང་། མངོན་པ་འོག་མ་དབྱིག་གཉེན་གྱི་མཛོད་རྩ་འགྲེལ་ནས་བཤད་པའི་དགྲ་བཅོམ་པ་སྟེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། འོ་ན། མངོན་པ་གོང་འོག་ནས་བཤད་པའི་དགྲ་བཅོམ་ཡོད་དམ་མེད། ཡོད་ན་མཚན་གཞི་གང་ཞེ་ན། གང་ཟག་རང་བཞིན་མེད་པར་རྟོགས་པ་ལ་མ་ལྟོས་པར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་མངོན་སུམ་དུ་རྟོགས་ཤིང་གོམས་པར་བྱས་པ་ལ་བརྟེན་ནས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ་མངོན་འགྱུར་བ་སྤངས། མངོན་པ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱས་དགྲ་བཅོམ་དུ་འདོགས་པའི་ཉན་ཐོས་ཤིག་འཛིན་དགོས་སམ་སྙམ། ཞེས་གསུངས། དོན་གཅིག་ལ། མངོན་པ་གོང་འོག་ནས་བཤད་པའི་དགྲ་བཅོམ་པ་དང། མངོན་པ་ནས་བཤད་པའི་དགྲ་བཅོམ་པའོ། ། |
| Domain | ཆོས་ལུགས། |