51673

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པ་མཛོད་གནས་བརྒྱད་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་དང་པོ་ལས་བྱུང་བ་སྟེ། ༡ ཤེས་བྱ་ཐམས་ཅད་ཟག་བཅས་དང་ཟག་མེད་གཉིས་སུ་བསྡུས། འདུས་བྱས་ཀྱི་ཕུང་པོ་ཁམས་ཀྱི་རྣམ་གཞག་སྤྱིར་བསྟན་པ། ཆོས་ཐམས་ཅད་དེ་གསུམ་གྱིས་བསྡུས་ཚུལ་ཁམས་དབྱེ་བ་བསྟན་པ། ༢ དབང་པོའི་རང་བཞིན་འདུས་བྱས་ཆོས་རྣམས་ཀྱི་སྐྱེ་ཚུལ་རྒྱུ་རྐྱེན་འབྲས་བུ་དང་བཅས་པ་བསྟན་པ། ༣ འབྲས་བུ་སྡུག་བསྔལ་བདེན་པའི་སྣོད་ཀྱི་འཇིག་རྟེན། བཅུད་ཀྱི་སེམས་ཅན། འགྲོ་བའི་དབྱེ་བ། སྐྱེ་ཚུལ་གྱི་རྟེན་འབྲེལ། གནས་རྐྱེན། འཆི་འཕོ། བེམ་ཅན་ཚོགས་གསུམ་སོགས་བདེན་པ་བསྟན་པ། ༤ ཀུན་ནས་འབྱུང་བའི་བདེན་པ་གཏན་ལ་ཕབ་པ། ༥ ལས་ཀྱི་འབྲས་བུ་འབྱིན་པར་བྱེད་པ་ཕྲ་རྒྱས་བསྟན་པ། ༦ ལམ་དང་གང་ཟག་བསྟན་པ། ༧ མཐོང་སྤང་དང་སྒོམ་སྤང་གི་སྤང་བྱས་སྤངས་པའི་འབྲས་བུ་ཤེས་པ་རྣམ་པ་བཅུ་ཤེས་པ་དང་ལྡན་པ་དང་། ས་ཐོབ་པ་དང་། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པ་ཡེ་ཤེས་བསྟན་པ། ༨ བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་དབྱེ་བ་སྙོམས་འཇུག་བསྟན་པའོ། །
Domain ཆོས་ལུགས།