51685
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། རྣམ་པར་རྟོག་པའི་རི་བོ་བཅུའི་ནང་གསེས་ཤིག་སྟེ། གདུལ་བྱ་ལ་མངོན་པར་སྣང་བའི་ཕྱིར་མངོན་པའི་རྟོག་པ་ཞེས་བྱ། དེའི་དོན་མདོ་དགོངས་པ་འདུས་པ་ལས། ལང་ཀའི་བདག་པོ་མངོན་པའི་རྟོག་པ་གང་ཞེ་ན། འདི་ལྟ་སྟེ། སྐུའི་རྔོམ་སྤྱོམ་གྱིས་བྱེ་བ་ས་ཡར་མངོན་པ་དང༌། གསུང་གི་རྔོམ་སྤྱོམ་བསྟན་པ་རྒྱ་མཚོར་མངོན་པ་དང༌། ཐུགས་ཀྱི་རྔོམ་སྤྱོམ་ཆོས་ཉིད་ནམ་མཁའ་མངོན་པ་དང༌། མཐུའི་རྔོམ་སྤྱོམ་ནམ་མཁའི་དབྱིངས་ལྟར་མངོན་པའོ། །ཞེས་པ་ལྟར་སྐུ་གསུང་ཐུགས་མཐུ་དང་བཞི་པོར་སོ་སོའི་རྔམ་ཚུལ་བཞི་རེ་བཅས་ཚུལ་བཅུ་དྲུག་ཏུ་གསུངས། |
| Domain | ཆོས་ལུགས། |