51706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མངོན་པར་བྱང་ཆུབ་པའི་སྐུ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མངོན་པར་བྱང་ཆུབ་པའི་སྐུ་ནི། ཕྱོགས་བཅུའི་མུན་སེལ་ལས། མངོན་པར་བྱང་ཆུབ་པའི་སྐུ་ནི་ཆོས་ཐམས་ཅད་མཉམ་རྫོགས་གཅིག་ཏུ་སངས་རྒྱས་པ་སྟེ། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཞེས་སོ། །ཞེས་དང་། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོའི་རང་བཞིན་དུ་དབྱེར་མེད་ཅིང་མཉམ་པ་ཉིད་དུ་མངོན་པར་བྱང་ཆུབ་པའི་སྐུ་ནི་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཆོས་ཐམས་ཅད་ཀྱང་མ་འདྲེས་པར་མཁྱེན་པའི་ཡེ་ཤེས་ནི་ཇི་སྙེད་པ་མངོན་པར་བྱང་ཆུབ་པའི་སྐུ་སྟེ། མངོན་པར་བྱང་ཆུབ་པའི་སྐུའོ། །ཞེས་གསུངས།
Domain ཆོས་ལུགས།